10590

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུ་བོ་འདུལ་བ་འཛིན་པས་མདོ་སྡེའི་ཡོན་ཏན་བཅུ་དྲུག་མཐོང་བས་མདོ་སྡེ་བརྗོད་པར་བྱ་བ་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ།

1.སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་བརྗོད་པར་བྱ། 2.ཉན་ཐོས་ཀྱིས་བཤད་པའི་མདོ་སྡེ་བརྗོད་པར་བྱ། 3.སངས་རྒྱས་བྱུང་བའི་དུས་ཀྱི་མདོ་སྡེ་བརྗོད་པར་བྱ། 4.ཕྱོགས་གཅིག་པའི་མདོ་སྡེ་བརྗོད་པར་བྱ། 5.ཐམས་ཅད་དུ་ཡོད་པའི་མདོ་སྡེ་བརྗོད་པར་བྱ། 6.དེ་ཉིད་དང་འདྲ་བའི་མདོ་སྡེ་བརྗོད་པར་བྱ། 7.འདུལ་བ་ལྡན་པའི་མདོ་སྡེ་བརྗོད་པར་བྱ། 8.འདུལ་བ་ལས་ལྷག་པའི་མདོ་སྡེ་བརྗོད་པར་བྱ། 9.མདོ་སྡེའི་ཡོན་ཏན་བཙལ་ལ་མདོ་སྡེ་བརྗོད་པར་བྱ། 10.མདོ་སྡེའི་རྒྱན་བཙལ་ལ་མདོ་སྡེ་བརྗོད་པར་བྱ། 11.མདོ་སྡེའི་གླེང་གཞི་བཙལ་ལ་མདོ་སྡེ་བརྗོད་པར་བྱ། 12.མདོ་སྡེའི་ཆ་ཙམ་བཙལ་ཏེ་མདོ་སྡེ་བརྗོད་པར་བྱ། 13.མདོ་སྡེའི་སྒྲ་བཙལ་ཏེ་མདོ་སྡེ་བརྗོད་པར་བྱ་བ་དང་བཅུ་གསུམ་མོ། །(སྐབས་འདིར་ཚན་པ་གསུམ་ཆད་པ་པར་གཞི་གཞན་དང་ཞིབ་བསྡུར་བྱ་དགོས།)

Tibetan Source 《འདུལ་བ་པ་པ་》ཤ་97ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number